ཁ་ཅིག་ན་རེ། གཞི་གྲུབ་ན། རྟག་པ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། ཚད་མས་གྲུབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མས་གྲུབ་པ། གཞི་གྲུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྐད་ཅིག་མ། མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐེལ། དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད་འཇིག་པ། འདུས་བུས་ཀྱི་མཚན་ཉིད། བྱས་པའི་མཚན་ཉིད་ཡིན་པའི་ཕྱིར།
D: ཁ་ཅིག་ན་རེ། གཞི་གྲུབ་ན། རྟག་པ་ཡིན་པས་ཁྱབ་ཟེར་ན།
If someone says: being an established base entails being permanent.
William Magee reports that he was told ན་རེ་ in ཁ་ཅིག་ན་རེ། is an antiquated form of a 3rd case agent.
C: བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས།
It follows that the subject, pot, is a permanent phenomenon because of being an established base. You asserted the pervasion.
D: མ་གྲུབ་ན།
If [the defender says the reason is] not established.
C: དེ་ཆོས་ཅན། དེ་ཡིན་པར་ཐལ། ཚད་མས་གྲུབ་པ་ཡིན་པའི་ཕྱིར།
It follows that that subject is that because of being a phenomenon established by a valid cognizer.
C: ཁྱབ་སྟེ། ཚད་མས་གྲུབ་པ། གཞི་གྲུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
There is pervasion because established by a valid cognizer is the definition of established base.
D: རྩ་བར་འདོད་ན།
If the root pervasion is accepted.
C: བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར།
It follows that the subject, pot, is not permanent because of being impermanent.
D: མ་གྲུབ་ན།
If [the defender says the reason] is not established.
C: དེ་ཆོས་ཅན། དེར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར།
It follows that that subject is that because of being a momentary phenomenon.
C: ཁྱབ་སྟེ། སྐད་ཅིག་མ། མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར།
There is pervasion because momentary is the definition of impermanent phenomenon.
C: དེར་ཐེལ། དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད་འཇིག་པ། འདུས་བུས་ཀྱི་མཚན་ཉིད། བྱས་པའི་མཚན་ཉིད་ཡིན་པའི་ཕྱིར།
It follows it is like that because: 1) able to perform a function is the definition of [functioning] thing, 2) disintegrating is the definition of compounded phenomenon, and 3) generated is the definition of produced phenomenon.
D: ཁ་ཅིག་ན་རེ། གཞི་གྲུབ་ན། རྟག་པ་ཡིན་པས་ཁྱབ་ཟེར་ན།
If someone says: being an established base entails being permanent.
C: བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། [གཞི་གྲུབ་ན་རྟག་པ་ཡིན་པས་]ཁྱབ་པ་ཁས།
It follows that the subject, pot, is a permanent phenomenon because of being an established base. You asserted the pervasion [that being an established base entails being permanent].
D: [བུམ་པ་གཞི་གྲུབ་ཡིན་པ་རྟགས་]མ་གྲུབ།
The reason, that [a] pot is [an] established base, is not established.
C: [བུམ་པ་]དེ་ཆོས་ཅན། [གཞི་གྲུབ་]དེ་ཡིན་པར་ཐལ། ཚད་མས་གྲུབ་པ་ཡིན་པའི་ཕྱིར།
It follows that that subject [pot] is that [established base] because of being a phenomenon established by valid cognition.
D: [ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་མ་ཁྱབ།]
Being a phenomenon established by valid cognition does not entail being an established base.
C: [ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་]ཁྱབ་སྟེ། ཚད་མས་གྲུབ་པ། གཞི་གྲུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
Being a phenomenon established by valid cognition does entail being an established base because established by valid cognition is the definition of established base.
D: [ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་ཁྱབ་པར་འདོད།]
I accept that being a phenomenon established by valid cognition does entail being an established base.
C: [བུམ་པ་ཆོས་ཅན། གཞི་གྲུབ་ཡིན་པར་ཐལ།]
It follows that the subject, pot, is an established base.
D: [བུམ་པ་ཆོས་ཅན། གཞི་གྲུབ་ཡིན་པར་འདོད།]
I accept that the subject, pot, is an established base.
C: [བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ།]
It follows that the subject, pot, is a permanent phenomenon.
D: [བུམ་པ་ཆོས་ཅན། རྟག་པ་ཡིན་པ་]རྩ་བར་འདོད།
I accept the root assertion, that the subject, pot, is a permanent phenomenon.
C: བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར།
The subject, pot, is not a permanent phenomenon because of being an impermanent phenomenon.
D: [བུམ་པ་མི་རྟག་པ་ཡིན་པ་རྟགས་]མ་གྲུབ།
The reason, pot is an impermanent phenomenon, is not established.
C: [བུམ་པ་]ཆོས་ཅན། [མི་རྟག་པ་]ཡིན་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར།
It follows that the subject, pot, is an impermanent phenomenon because of being momentary.
D: མ་ཁྱབ།
No pervasion.
C: ཁྱབ་སྟེ། སྐད་ཅིག་མ། མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར།
There is pervasion because momentary is the definition of impermanent phenomenon.
D: མ་གྲུབ།
The reason is not established.
C: དེར་ཐལ། དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད་འཇིག་པ། འདུས་བྱས་ཀྱི་མཚན་ཉིད། སྐྱེས་པ། བྱས་པའི་མཚན་ཉིད་ཡིན་པའི་ཕྱིར།
It follows it is like that because: 1) able to perform a function is the definition of [functioning] thing, 2) disintegrating is the definition of compounded phenomenon, and 3) generated is the definition of produced phenomenon.
C: གཞི་གྲུབ་དང་རྟག་པ་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་མེད་པར་ཐལ།
D: ཅིའི་ཕྱིར།
C: གཞི་གྲུབ་དང་རྟག་པ་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་ཡོད་པར་ཐལ།
D: གཞི་གྲུབ་དང་རྟག་པ་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་ཡོད་པར་འདོད།
C: ཞོག
D: མུ་གསུམ་ཡོད།
C: མུ་གསུམ་མེད་པར་ཐལ། གང་གིས་གང་ལ་ཁྱབ།
D: གཞི་གྲུབ་ན། རྟག་པ་ཡིན་པས་ཁྱབ།
C: བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཞི་གྲུབ་ན་རྟག་པ་ཡིན་པས་ཁྱབ་པ་ཁས།
D: བུམ་པ་གཞི་གྲུབ་ཡིན་པ་རྟགས་མ་གྲུབ།
C: བུམ་པ་ཆོས་ཅན། གཞི་གྲུབ་ཡིན་པར་ཐལ། ཚད་མས་གྲུབ་པ་ཡིན་པའི་ཕྱིར།
D: ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་མ་ཁྱབ།
C: ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་ཁྱབ་པར་ཐལ། ཚད་མས་གྲུབ་པ། གཞི་གྲུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
D: ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་ཁྱབ་པར་འདོད།
C: བུམ་པ་ཆོས་ཅན། གཞི་གྲུབ་ཡིན་པར་ཐལ།
D: བུམ་པ་ཆོས་ཅན། གཞི་གྲུབ་ཡིན་པར་འདོད།
C: བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ།
D: བུམ་པ་ཆོས་ཅན། རྟག་པ་ཡིན་པ་འདོད་།
C: བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར།
D: བུམ་པ་མི་རྟག་པ་ཡིན་པ་རྟགས་མ་གྲུབ།
C: བུམ་པ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར།
D: སྐད་ཅིག་མ་ཡིན་ན་མི་རྟག་པ་ཡིན་པས་མ་ཁྱབ།
C: སྐད་ཅིག་མ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། སྐད་ཅིག་མ། མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར།
D: སྐད་ཅིག་མ། མི་རྟག་པའི་མཚན་ཉིད་ཡིན་པ་རྟགས་མ་གྲུབ།
C: སྐད་ཅིག་མ། མི་རྟག་པའི་མཚན་ཉིད་ཡིན་པར་ཐལ། དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད་འཇིག་པ། འདུས་བྱས་ཀྱི་མཚན་ཉིད། སྐྱེས་པ། བྱས་པའི་མཚན་ཉིད་ཡིན་པའི་ཕྱིར།
D: སྐད་ཅིག་མ། མི་རྟག་པའི་མཚན་ཉིད་ཡིན་པར་འདོད།
C: སྐད་ཅིག་མ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ།
D: སྐད་ཅིག་མ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་འདོད།
C: བུམ་པ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ།
D: བུམ་པ་ཆོས་ཅན། མི་རྟག་པ་ཡིན་པར་འདོད།
C: བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ།
D: བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་འདོད།
C: གཞི་གྲུབ་ན། རྟག་པ་ཡིན་པས་མ་ཁྱབ་པར་ཐལ།
D: གཞི་གྲུབ་ན། རྟག་པ་ཡིན་པས་མ་ཁྱབ་པར་འདོད།
This is the completion of the challenger correcting the defender’s wrong view that being an established base entails being a permanent phenomenon. Now the challenger picks up where the defender gave the wrong answer on the question about what is the feature of difference between the two, established base and permanent phenomenon.
C: གཞི་གྲུབ་དང་རྟག་པ་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་ཡོད་པར་ཐལ།
D: གཞི་གྲུབ་དང་རྟག་པ་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་ཡོད་པར་འདོད།
C: ཞོག
D: མུ་གསུམ་ཡོད།
C: མུ་གསུམ་མེད་པར་ཐལ། གང་གིས་གང་ལ་ཁྱབ།
D: རྟག་པ་ཡིན་ན། གཞི་གྲུབ་ཡིན་པས་ཁྱབ། གཞི་གྲུབ་ན། རྟག་པ་ཡིན་པས་མ་ཁྱབ།
C: མ་ཁྱབ་པའི་མུ་ཞོག
D: བུམ་པ་ཆོས་ཅན།
C: བུམ་པ་ཆོས་ཅན། གཞི་གྲུབ་ཡིན་པར་ཐལ།
D: བུམ་པ་ཆོས་ཅན། གཞི་གྲུབ་ཡིན་པར་འདོད།
C: བུམ་པ་ཆོས་ཅན། གཞི་གྲུབ་ཡིན་སྟེ།
The continuative particle here marks this as a question the defender has to answer. The defender gets to make up his own answer but it must be a correct answer. Defenders always have to answer correctly.
D: ཚད་མས་གྲུབ་པ་ཡིན་པའི་ཕྱིར།
C: ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་ཁྱབ་པར་ཐལ།
D: ཚད་མས་གྲུབ་པ་ཡིན་ན་གཞི་གྲུབ་ཡིན་པས་ཁྱབ་པར་འདོད།
C: བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ།
D: བུམ་པ་ཆོས་ཅན། རྟག་པ་མ་ཡིན་པར་འདོད།
C: བུམ་པ་ཆོས་ཅན། རྟག་པ་མ་ཡིན་སྟེ།
D: མི་རྟག་པ་ཡིན་པའི་ཕྱིར།
C: མི་རྟག་པ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པར་ཐལ།
D: མི་རྟག་པ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པར་འདོད།