Debate B.6, Sixth Mistaken View
Perdue, Debate in Tibetan Buddhism, p. 370
ཁ་ཅིག་ན་རེ། ཆོས་ཡིན་ན། དགག་གཞི་ཅན་གྱི་ཆོས་མ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འདུས་བྱས་ཀྱི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དགག་གཞི་ཅན་གྱི་ཆོས་ཡིན་པར་ཐལ། ཁྱོད་ཀྱི་དགག་གཞི་ཡོད་པ་གང་ཞིག་ཁྱོད་ཆོས་ཡིན་པའི་ཕྱིར། གཉིས་པ་སླ། དང་པོ་མ་གྲུབ་ན། བུམ་པའི་དགག་གཞི་ཡོད་པར་ཐལ། བུམ་པ་མེད་པའི་ས་ཕྱོགས་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་ཡིན་ན། བུམ་པ་ཡོད་པས་མ་ཁྱབ་པའི་ཕྱིར།
This debate uses the Tibetan for challenger (སྔ་རྒོལ་) and defender (ཕྱི་རྒོལ་), shortened to སྔ་ and ཕྱི་.
ཕྱི༔ ཁ་ཅིག་ན་རེ། ཆོས་ཡིན་ན། དགག་གཞི་ཅན་གྱི་ཆོས་མ་ཡིན་པས་ཁྱབ་ཟེར་ན།
If someone says: being a phenomenon entails not being a phenomenon that has a basis of negation.
སྔ༔ བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས།
It [absurdly] follows that the subject, pot, is that because of that. You asserted the pervasion.
ཕྱི༔ མ་གྲུབ་ན།
If [the defender says the] reason is not established.
སྔ༔ དེ་ཆོས་ཅན། དེར་ཐལ། འདུས་བྱས་ཀྱི་ཆོས་ཡིན་པའི་ཕྱིར།
It follows that that subject is that because of being a compositional phenomenon.
ཕྱི༔ མ་གྲུབ་ན།
If [the defender says the] reason is not established.
སྔ༔ དེ་ཆོས་ཅན། དེར་ཐལ། དངོས་པོ་ཡིན་པའི་ཕྱིར།
It follows that that subject is that because of being a functioning thing.
ཕྱི༔ མ་གྲུབ་ན།
If [the defender says the] reason is not established.
སྔ༔ དེ་ཆོས་ཅན། དེར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར།
It follows that that subject is that because of being able to perform a function.
ཕྱི༔ མ་གྲུབ་ན།
If [the defender says the] reason is not established.
སྔ༔ དེ་ཆོས་ཅན། དེར་ཐལ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར།
It follows that that subject is that because of being a bulbous flat-based phenomenon able to perform a function.
སྔ༔ དེར་ཐལ། བུམ་པ་ཡིན་པའི་ཕྱིར།
It follows that it is that because of being a pot.
སྔ༔ ཁྱབ་སྟེ། དེ་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར།
There is pervasion because that is the definition of pot.
ཕྱི༔ རྩ་བར་འདོད་ན།
If [the defender] accepts the root [assertion].
སྔ༔ དེ་ཆོས་ཅན། དགག་གཞི་ཅན་གྱི་ཆོས་ཡིན་པར་ཐལ། ཁྱོད་ཀྱི་དགག་གཞི་ཡོད་པ་གང་ཞིག་ཁྱོད་ཆོས་ཡིན་པའི་ཕྱིར།
It follows that that subject is a phenomenon that has a basis of negation because: 1) its basis of negation exists, and 2) it is a phenomenon.
ཕྱི༔ གཉིས་པ་སླ། དང་པོ་མ་གྲུབ་ན།
The second part is trivial. If [the defender says the] first reason is not established.
སྔ༔ བུམ་པའི་དགག་གཞི་ཡོད་པར་ཐལ། བུམ་པ་མེད་པའི་ས་ཕྱོགས་ཡོད་པའི་ཕྱིར།
It follows that there is a basis of pot's negation because there is a place where there is no pot.
ཕྱི༔ མ་གྲུབ་ན།
If [the defender says the] reason is not established.
སྔ༔ དེར་ཐལ། བདག་མེད་ཡིན་ན། བུམ་པ་ཡོད་པས་མ་ཁྱབ་པའི་ཕྱིར།
That follows because being a selfless phenomenon does not entail being [a place where there is] a pot.
ཕྱི༔ ཆོས་ཡིན་ན། དགག་གཞི་ཅན་གྱི་ཆོས་མ་ཡིན་པས་ཁྱབ།
If someone says: being a phenomenon entails not being a phenomenon that has a basis of negation.
སྔ༔ བུམ་པ་ཆོས་ཅན། [དགག་གཞི་ཅན་གྱི་ཆོས་མ་ཡིན་པ་]དེར་ཐལ། [ཆོས་ཡིན་པ་]དེའི་ཕྱིར། [ཆོས་ཡིན་ན། དགག་གཞི་ཅན་གྱི་ཆོས་མ་ཡིན་པས་]ཁྱབ་པ་ཁས།
It [absurdly] follows that the subject, pot, is that [a phenomenon that has a basis of negation] because of that [being a phenomenon]. You asserted the pervasion [that whatever is a phenomenon is necessarily a phenomenon that has a basis of negation.
ཕྱི༔ [བུམ་པ་ཆོས་ཅན་ཆོས་ཡིན་པ་རྟགས་]མ་གྲུབ་ན།
If [the defender says the] reason [that the subject, pot, is a phenomenon] is not established.
སྔ༔ [བུམ་པ་]དེ་ཆོས་ཅན། [ཆོས་ཡན་པ་]དེར་ཐལ། འདུས་བྱས་ཀྱི་ཆོས་ཡིན་པའི་ཕྱིར།
It follows that that subject [pot] is that [phenomenon] because of being a compositional phenomenon.
ཕྱི༔ [བུམ་པ་ཆོས་ཅན་འདུས་བྱས་ཀྱི་ཆོས་ཡིན་པ་རྟགས་]མ་གྲུབ་ན།
If [the defender says the] reason [that a pot is a compositional phenomenon] is not established.
སྔ༔ [བུམ་པ་]དེ་ཆོས་ཅན། [འདུས་བྱས་ཀྱི་ཆོས་ཡིན་པ་]དེར་ཐལ། དངོས་པོ་ཡིན་པའི་ཕྱིར།
It follows that that subject [pot] is that [compositional phenomenon] because of being a functioning thing.
ཕྱི༔ [བུམ་པ་ཆོས་ཅན་དངོས་པོ་ཡིན་པ་རྟགས་]མ་གྲུབ་ན།
If [the defender says the] reason is not established.
སྔ༔ [བུམ་པ་]དེ་ཆོས་ཅན། [དངོས་པོ་ཡིན་པ་]དེར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར།
It follows that that subject [pot] is that [functioning thing] because of being able to perform a function.
ཕྱི༔ [བུམ་པ་ཆོས་ཅན་དོན་བྱེད་ནུས་པ་ཡིན་པ་རྟགས་]མ་གྲུབ་ན།
If [the defender says the] reason [the subject, pot, is able to perform a function] is not established.
སྔ༔ [བུམ་པ་]དེ་ཆོས་ཅན། [དོན་བྱེད་ནུས་པ་ཡིན་པ་རྟགས་]དེར་ཐལ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར།
It follows that that subject [pot] is that [able to perform a function] because of being a bulbous flat-based phenomenon able to perform the function of holding water.
ཕྱི༔ [བུམ་པ་ཆོས་ཅན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པ་རྟགས་]མ་གྲུབ་ན།
If [the defender says the] reason [a pot is a bulbous flat-based phenomenon able to perform the function of holding water] is not established.
སྔ༔ [ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པ་]དེར་ཐལ། བུམ་པ་ཡིན་པའི་ཕྱིར།
It follows that it [the subject, pot] is that [a bulbous flat-based phenomenon able to perform the function of holding water] because of being a pot.
ཕྱི༔ [བུམ་པ་ཡིན་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པས་]མ་ཁྱབ།
No pervasion. Or: being a pot does not entail being a bulbous flat-based phenomenon able to perform the function of holding water.
སྔ༔ [བུམ་པ་ཡིན་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པས་]ཁྱབ་སྟེ། དེ་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར།
There is pervasion [being a pot does entail being a bulbous flat-based phenomenon able to perform the function of holding water] because that is the definition of pot.
ཕྱི༔ རྩ་བར་འདོད་ན།
If [the defender] accepts the root [assertion].
ཕྱི༔ [བུམ་པ་ཡིན་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པས་]ཁྱབ་འདོད།
I accept that being a pot entails being a bulbous flat-based phenomenon able to perform the function of holding water.
སྔ༔ བུམ་པ་ཆོས་ཅན་ན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པར་ཐལ།
It follows that the subject, pot, is a bulbous flat-based phenomenon able to perform the function of holding water.
ཕྱི༔ འདོད།
I accept.
སྔ༔ བུམ་པ་ཆོས་ཅན། དོན་བྱེད་ནུས་པ་ཡིན་པར་ཐལ།
It follows that the subject, pot, is able to perform a function.
ཕྱི༔ འདོད།
I accept.
སྔ༔ བུམ་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ།
It follows that the subject, pot, is a functioning thing.
ཕྱི༔ འདོད།
I accept.
སྔ༔ བུམ་པ་ཆོས་ཅན། འདུས་བྱས་ཀྱི་ཆོས་ཡིན་པར་ཐལ།
It follows that the subject, pot, is a composed phenomenon.
ཕྱི༔ འདོད།
I accept.
སྔ༔ བུམ་པ་ཆོས་ཅན། ཆོས་ཡིན་པར་ཐལ།
It follows that the subject, pot, is a phenomenon.
ཕྱི༔ འདོད།
I accept.
སྔ༔ [བུམ་པ་]དེ་ཆོས་ཅན། དགག་གཞི་ཅན་གྱི་ཆོས་ཡིན་པར་ཐལ། ཁྱོད་ཀྱི་དགག་གཞི་ཡོད་པ་གང་ཞིག་ཁྱོད་ཆོས་ཡིན་པའི་ཕྱིར།
It follows that that subject is a phenomenon that has a basis of negation because: 1) its basis of negation exists, and 2) it is a phenomenon.
ཕྱི༔ གཉིས་པ་སླ། [བུམ་པ་ཆོས་ཅན་ལ་ཁྱོད་ཀྱི་དགག་གཞི་ཡོད་པ་རྟགས་]དང་པོ་མ་གྲུབ་ན།
The second part is trivial. If [the defender says the] first reason [with respect to the subject, pot, its basis of negation exists] is not established.
སྔ༔ བུམ་པའི་དགག་གཞི་ཡོད་པར་ཐལ། བུམ་པ་མེད་པའི་ས་ཕྱོགས་ཡོད་པའི་ཕྱིར།
It follows that there is a basis of pot's negation because there is a place where there is no pot.
ཕྱི༔ [བུམ་པ་མེད་པའི་ས་ཕྱོགས་ཡོད་པ]མ་གྲུབ་ན།
If [the defender says the] reason [that there is a place where there is no pot] is not established.
སྔ༔ [བུམ་པ་མེད་པའི་ས་ཕྱོགས་ཡོད་པ]དེར་ཐལ། བདག་མེད་ཡིན་ན། བུམ་པ་ཡོད་པས་མ་ཁྱབ་པའི་ཕྱིར།
That [there is a place where there is no pot] follows because being a selfless phenomenon does not entail being [a place where there is] a pot.
ཕྱི༔ བུམ་པ་མེད་པའི་ས་ཕྱོགས་ཡོད་པར་ཐལ་འདོད།
I accept that there is a place where there is no pot.
སྔ༔ བུམ་པའི་དགག་གཞི་ཡོད་པར་ཐལ།
It follows that there is a basis of pot's negation.
ཕྱི༔ འདོད།
I accept.
སྔ༔ བུམ་པ་ཆོས་ཅན། དགག་གཞི་ཅན་གྱི་ཆོས་ཡིན་པར་ཐལ།
It follows that the subject, pot, is a phenomenon that has a basis of negation.
ཕྱི༔ འདོད།
I accept.
སྔ༔ ཆོས་ཡིན་ན། དགག་གཞི་ཅན་གྱི་ཆོས་མ་ཡིན་པས་མ་ཁྱབ།
Being a phenomenon does not entail not being a phenomenon that has a basis of negation.
ཕྱི༔ འདོད།
I accept.
སྔ༔ ཆོས་དང་དགག་གཞི་ཅན་གྱི་ཆོས་གཉིད་ལ་ཁྱད་པར་ག་རེད་ཡོད།
What is the permutation between the two: not being a functioning thing and permanent phenomenon?
ཕྱི༔ མུ་གསུམ་ཡོད།
Three possibilities.
སྔ༔ མུ་གསུམ་ཡོད་པར་ཐལ། གང་གིས་གང་ལ་ཁྱབ།
It follows that there are three possibilities. What pervades what?