ཁ་ཅིག་ན་རེ། མངོན་གྱུར་ཡིན་ན། ལྐོག་གྱུར་མ་ཡི་པས་ཁྱབ་ཟེར་ན། ཀ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ། མངོན་གྱུར་གྱི་མཚན་ཉིད་ཡིན་པའི་ཕྱིར། གོང་དུ་མ་གྲུབ་ན། དེ་ཆོས་ཅན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ། རང་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། རྟགས་བསྒྲུབ་ཟིན།
01 C: མངོན་གྱུར་དང་ལྐོག་གྱུར་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་མེད་པར་ཐལ།
D: ཅིའི་ཕྱིར།
C : It follows that there is no way to posit the feature of distinction between the two, manifest phenomena and hidden phenomena.
D: Why?
02 C: མངོན་གྱུར་དང་ལྐོག་གྱུར་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་ཡོད་པར་ཐལ།
D: མངོན་གྱུར་དང་ལྐོག་གྱུར་གཉིས་ལ་མི་འདྲ་བའི་ཁྱད་པར་གཞག་རྒྱུ་ཡོད་པར་འདོད།
C : It follows that there is a way to posit the feature of distinction between the two, manifest phenomena and hidden phenomena.
D: I agree that there is a way to posit the feature of distinction between the two, manifest phenomena and hidden phenomena.
03 C: ཞོག
D: འགལ་བ་ཡིན། མངོན་གྱུར་ཡིན་ན། ལྐོག་གྱུར་མ་ཡིན་པས་ཁྱབ།
C : Posit it!
D: They are mutually exclusive. Being a manifest phenomenon entails not being a hidden phenomenon.
04 C: ཀ་བ་ཆོས་ཅན། ལྐོག་གྱུར་མ་ཡིན་པར་ཐལ། [Root Thesis]
མངོན་གྱུར་ཡིན་པའི་ཕྱིར། མངོན་གྱུར་ཡིན་ན། ལྐོག་གྱུར་མ་ཡིན་པས་ཁྱབ་པ་ཁས།
D: ཀ་བ། མངོན་གྱུར་ཡིན་པ་རྟགས་མ་གྲུབ།
Our response : It follows that the subject, a pillar, is not a hidden phenomenon, because of being a manifest phenomenon. You asserted that being a manifest phenomenon entails not being a hidden phenomenon.
D: The reason, that a pillar is a manifest phenomenon, is not established.
05 C: ཀ་བ་ཆོས་ཅན། མངོན་གྱུར་ཡིན་པར་ཐལ། [Thesis 01]
མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར།
D: ཀ་བ། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པ་རྟགས་མ་གྲུབ།
C : It follows that the subject, a pillar, is a manifest phenomenon, because of being an object explicitly realized by a direct valid cognizer.
D: The reason, that a pillar is an object explicitly realized by a direct valid cognizer, is not established.
06 C: ཀ་བ་ཆོས་ཅན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།
D: ཀ་བ། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་འདོད།
C : It follows that the subject, a pillar, is an object explicitly realized by a direct valid cognizer, because of being a functioning thing.
D: I accept that a pillar is an object explicitly realized by a direct valid cognizer.
07 C: ཀ་བ་ཆོས་ཅན། མངོན་གྱུར་ཡིན་པར་ཐལ།
D: ཅིའི་ཕྱིར།
C : It follows that the subject, a pillar, is a manifest phenomenon.
D: Why?
08 C: མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། རྟགས་ཁས།
D: མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་ན། མངོན་གྱུར་ཡིན་པས་མ་ཁྱབ།
C : Because of being an object explicitly realized by a direct valid cognizer. You asserted the reason.
D: Being an object explicitly realized by a direct valid cognizer does not entail being a manifest phenomenon.
09 C: མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་ན། མངོན་གྱུར་ཡིན་པས་ཁྱབ་པར་ཐལ།
མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ། མངོན་གྱུར་གྱི་མཚན་ཉིད་ཡིན་པའི་ཕྱིར།
D: མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་ན། མངོན་གྱུར་ཡིན་པས་ཁྱབ་པ་ཡོད་པར་འདོད།
C : It follows that being an object explicitly realized by a direct valid cognizer does entail being a manifest phenomenon because an object explicitly realized by a direct valid cognizer is the definition of a manifest phenomenon.
D: I accept that there is pervasion, being an object explicitly realized by a direct valid cognizer does entail being a manifest phenomenon.
10 C: ཀ་བ་ཆོས་ཅན། མངོན་གྱུར་ཡིན་པར་ཐལ། [Thesis 01]
D: ཀ་བ་མངོན་གྱུར་ཡིན་པར་འདོད།
C : It follows that the subject, a pillar, is a manifest phenomenon.
D: I accept that a pillar is a manifest phenomenon.
11 C: ཀ་བ་ཆོས་ཅན། ལྐོག་གྱུར་མ་ཡིན་པར་ཐལ། [Back to Root Thesis རྩ་བར་འདོད་ན]
D: ཀ་བ་ལྐོག་གྱུར་མ་ཡིན་པར་འདོད།
C : It follows that the subject, a pillar, is not a hidden phenomenon.
D: I accept that a pillar is not a hidden phenomenon.
12 C: ཀ་བ་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ།
D: ཅིའི་ཕྱིར།
C : It follows that the subject, a pillar, is a manifest phenomenon.
D: Why?
13 C: རང་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར།
D: ཀ་བ་ལྐོག་གྱུར་ཡིན་པར་འདོད།
C : Because of being an object realized in a hidden manner by the thought consciousness apprehending it.
D: I accept that a pillar is a hidden phenomenon.
14 C: མངོན་གྱུར་དང་ལྐོག་གྱུར་གཉིས་ལ་འགལ་བ་མ་ཡིན་པར་ཐལ།
D: མངོན་གྱུར་དང་ལྐོག་གྱུར་གཉིས་ལ་འགལ་བ་མ་ཡིན་པར་འདོད།
C : It follows that the two, a manifest phenomenon and a hidden phenomenon, are not mutually exclusive.
D: I accept that the two, a manifest phenomenon and a hidden phenomenon, are not mutually exclusive.
15 C: མངོན་གྱུར་དང་ལྐོག་གྱུར་གཉིས་ལ་མི་འདྲ་བའི་ཁྱད་པར་ཞོག
D: མུ་གསུམ་ཡོད།
C : Posit the feature of difference between the two, manifest phenomena and hidden phenomena.
D: There are three possibilities.
16 C: མུ་གསུམ་མེད་པར་ཐལ། གང་གིས་གང་ལ་ཁྱབ།
D: མངོན་གྱུར་ཡིན་ན། ལྐོག་གྱུར་ཡིན་པས་ཁྱབ། ལྐོག་གྱུར་ཡིན་ན། མངོན་གྱུར་ཡིན་པས་མ་ཁྱབ།
C : It follows that there are not three possibilities. Which pervades which?
D: Being a manifest phenomenon entails being a hidden phenomenon. Being a hidden phenomenon does not entail being a manifest phenomenon.
17 C: ད་གཉིས་ཀ་ཡིན་པའི་མུ་ཞོག
D: བུམ་པ་ཆོས་ཅན།
C : Now posit something that is both.
D: The subject, a pot.
18 C: བུམ་པ་ཆོས་ཅན། མངོན་གྱུར་ཡིན་པར་ཐལ།
D: བུམ་པ་མངོན་གྱུར་ཡིན་པར་འདོད།
C : It follows that the subject, a pot, is a manifest phenomenon.
D: I accept that the subject, a pot, is a manifest phenomenon.
19 C: བུམ་པ་ཆོས་ཅན། མངོན་གྱུར་ཡིན་སྟེ།
D: མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར།
C: Why is the subject, a pot, a manifest phenomenon?
D: Because of being an object explicitly realized by a direct valid cognizer.
20 C: བུམ་པ་ཆོས་ཅན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་སྟེ།
D: རང་གི་མཚན་ཉིད་ཡིན་པའི་ཕྱིར།
C: Why is the subject, a pot, an object explicitly realized by a direct valid cognizer?
D: Because of being a specifically characterized phenomenon.
21 C: རང་མཚན་ཡིན་ན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པས་ཁྱབ་པར་ཐལ།
D: རང་མཚན་ཡིན་ན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པས་ཁྱབ་པར་འདོད།
C: It follows that being a specifically characterized phenomenon entails being an object explicitly realized by a direct valid cognizer.
D: I accept that being a specifically characterized phenomenon entails being an object explicitly realized by a direct valid cognizer.
22 C: བུམ་པ་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ།
D: བུམ་པ་ལྐོག་གྱུར་ཡིན་པར་འདོད།
C : It follows that the subject, a pot, is a hidden phenomenon.
D: I accept that the subject, a pot, is a hidden phenomenon.
23 C: བུམ་པ་ཆོས་ཅན། ལྐོག་གྱུར་ཡིན་སྟེ།
D: ཤེས་བྱ་ཡིན་པའི་ཕྱིར།
C: Why is the subject, a pot, a hidden phenomenon?
D: Because of being an object of knowledge.
24 C: བུམ་པ་ཆོས་ཅན། ཤེས་བྱ་ཡིན་སྟེ།
D: བློའི་ཡུལ་དུ་བྱ་རུང་བ་ཡིན་པའི་ཕྱིར།
C: Why is the subject, a pot, an object of knowledge?
D: Because of being suitable to serve as an object of an awareness.
25 C: བློའི་ཡུལ་དུ་བྱ་རུང་བ་ཡིན་ན། ཤེས་བྱ་ཡིན་པས་ཁྱབ་པར་ཐལ།
D: བློའི་ཡུལ་དུ་བྱ་རུང་བ་ཡིན་ན། ཤེས་བྱ་ཡིན་པས་ཁྱབ་པར་འདོད།
C: It follows that being suitable to serve as an object of an awareness entails being an object of knowledge.
D: I accept that being suitable to serve as an object of an awareness entails being an object of knowledge.
26 C: ད་ལྐོག་གྱུར་ཡིན་ལ་མངོན་གྱུར་མ་ཡིན་པའི་མུ་ཞོག
D: འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།
C : Now posit something that is a hidden phenomenon but not a manifest phenomenon.
D: The subject, uncompounded space.
27 C: འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ།
D: འདུས་མ་བྱས་ཀྱི་ནམ་མཁའ་ལྐོག་གྱུར་ཡིན་པར་འདོད།
C : It follows that the subject, uncompounded space, is a hidden phenomenon.
D: I accept that the subject, uncompounded space, is a hidden phenomenon.
28 C: འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ལྐོག་གྱུར་ཡིན་སྟེ།
D: རང་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར།
C : Why is the subject, uncompounded space, a hidden phenomenon?
D : Because of being an object realized in a hidden manner by the thought consciousness apprehending it.
29 C: རང་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ན། ལྐོག་གྱུར་ཡིན་པས་ཁྱབ་པར་ཐལ།
D: རང་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ན། ལྐོག་གྱུར་ཡིན་པས་ཁྱབ་པར་འདོད།
C: It follows that being an object realized in a hidden manner by the thought consciousness apprehending it entails being a hidden phenomenon.
D: I accept that being an object realized in a hidden manner by the thought consciousness apprehending it entails being a hidden phenomenon.
30 C: འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་གྱུར་མ་ཡིན་པར་ཐལ།
D: འདུས་མ་བྱས་ཀྱི་ནམ་མཁའ་མངོན་གྱུར་མ་ཡིན་པར་འདོད།
C : It follows that the subject, uncompounded space, is not a manifest phenomenon.
D: I accept that the subject, uncompounded space, is not a manifest phenomenon.
31 C: འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་གྱུར་མ་ཡིན་སྟེ།
D: མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར།
C : Why is the subject, uncompounded space, not a manifest phenomenon?
D : Because of not being an object explicitly realized by a direct valid cognizer.
32 C: འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མ་ཡིན་སྟེ།
D: སྤྱི་མཚན་ཡིན་པའི་ཕྱིར།
C : Why is the subject, uncompounded space, not an object explicitly realized by a direct valid cognizer?
D: Because of being a generally characterized phenomenon.
33 C: སྤྱི་མཚན་ཡིན་ན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མ་ཡིན་པས་ཁྱབ་པར་ཐལ།
D: སྤྱི་མཚན་ཡིན་ན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མ་ཡིན་པས་ཁྱབ་པར་འདོད།
C: It follows that being a generally characterized phenomenon entails not being an object explicitly realized by a direct valid cognizer.
D: I accept that being a generally characterized phenomenon entails not being an object explicitly realized by a direct valid cognizer.
34 C: གཉིས་ཀ་མ་ཡིན་པའི་མུ་ཞོག
D: རི་བོང་རྭ་ཆོས་ཅན།
C : Posit something that is neither.
D: The subject, the horns of a rabbit.
35 C: རི་བོང་རྭ་ཆོས་ཅན། མངོན་གྱུར་མ་ཡིན་པར་ཐལ།
D: རི་བོང་རྭ་མངོན་གྱུར་མ་ཡིན་པར་འདོད།
C : It follows that the subject, the horns of a rabbit, is not a manifest phenomenon.
D: I accept that the subject, the horns of a rabbit, is not a manifest phenomenon.
36 C: རི་བོང་རྭ་ཆོས་ཅན། མངོན་གྱུར་མ་ཡིན་སྟེ།
D: དོན་བྱེད་ནུས་སྟོང་གི་ཆོས་ཡིན་པའི་ཕྱིར།
C: Why is the subject, the horns of a rabbit, not a manifest phenomenon?
D: Because of being a phenomenon which is empty of the ability to perform a function.
37 C: དོན་བྱེད་ནུས་སྟོང་གི་ཆོས་ཡིན་ན། མངོན་གྱུར་མ་ཡིན་པས་ཁྱབ་པར་ཐལ།
D: དོན་བྱེད་ནུས་སྟོང་གི་ཆོས་ཡིན་ན། མངོན་གྱུར་མ་ཡིན་པས་ཁྱབ་པར་འདོད།
C: It follows that being a phenomenon that is empty of the ability to perform a function entails not being a manifest phenomenon.
D: I accept that being a phenomenon that is empty of the ability to perform a function entails not being a manifest phenomenon.
38 C: རི་བོང་རྭ་ཆོས་ཅན། ལྐོག་གྱུར་མ་ཡིན་པར་ཐལ།
D: རི་བོང་རྭ་ལྐོག་གྱུར་མ་ཡིན་པར་འདོད།
C : It follows that the subject, the horns of a rabbit, is not a hidden phenomenon.
D: I accept that the subject, the horns of a rabbit, is not a hidden phenomenon.
39 C: རི་བོང་རྭ་ཆོས་ཅན། ལྐོག་གྱུར་མ་ཡིན་སྟེ།
D: ཆོས་མ་ཡིན་པའི་ཕྱིར།
C: Why is the subject, the horns of a rabbit, not a hidden phenomenon?
D: Because of not being a phenomenon.
40 C: ལྐོག་གྱུར་མ་ཡིན་ན། ཆོས་མ་ཡིན་པས་ཁྱབ་པར་ཐལ།
D: ལྐོག་གྱུར་མ་ཡིན་ན། ཆོས་མ་ཡིན་པས་ཁྱབ་པར་འདོད།
C: It follows that not being a hidden phenomenon entails not being a phenomenon.
D: I accept that not being a hidden phenomenon entails not being a phenomenon.